ཇ་མུ་ཆེས་མཐོའི་གཙུག་ལག་སློབ་གཉེར་གྱི་བསླབ་པ་མཐར་སོན་གྱི་མཛད་སྒོ།


2018.03.18
ཇ་མུ་ཆེས་མཐོའི་གཙུག་ལག་སློབ་གཉེར་གྱི་བསླབ་པ་མཐར་སོན་གྱི་མཛད་སྒོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཛད་སྒོའི་ཐོག་འཛམ་གླིང་ནང་བྱམས་བརྩེ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་བ།
ཇ་མུ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།

༄༅།།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༣ ཚེས་༡༨རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་ནང་གི་ཇ་མུ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ Central University of Jammu ནས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར་མཐོ་སློབ་དེའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་དང་པོའི་སྐུ་མགྲོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་ནས་དགེ་ལས་སློབ་ཕྲུག་རྣམས་ལ་འཛམ་གླིང་འདིའི་ནང་བྱམས་བརྩེ་དགོས་གལ་ཆེ་བའི་སྐོར་དམིགས་བསལ་བཀའ་སློབ་སྩལ་གནང་མཛད་པའི་སྐོར་འདི་གའི་གསར་འགོ་པ་བློ་བྷེ་ལགས་ཀྱིས་གནས་ཚུལ་པྱོགས་སྒྲིག་ཞུས་པར་གསན་རོགས༎
གསར་འགོད་པ་བློ་བྷེ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎