བུད་མེད་ཀྱིས་བྱམས་བརྩེའི་ནུས་པ་གོང་འཕེལ་གཏོང་དགོས།
2018.05.15

༄༅༎དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་བཞུགས་སྒར་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༢སྐོང་ཚོགས་གནང་བ་དང་ཚོགས་འདུར་ཕེབས་མཁན་ཚོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་གནང་བའི་ནང་བུད་མེད་ཀྱི་ལས་འགན་ཞིག་ནི་བྱམས་བརྩེའི་ནུས་པ་གོང་འཕེལ་གཏོང་རྒྱུ་བཀའ་སློབ་གནང་ཡོད་ཅིང་། བོད་མི་རིགས་ཆགས་ཇིག་ཀྱི་མཚམས་འདིར་ང་ཚོའི་མི་རབས་འདིས་མི་གོ་ཆོད་པ་ཞིག་དཀའ་ལས་བརྒྱབ་ཡོད་དུས་མུ་མཐུད་འབད་བརྩོན་དགོས་པ་བཀའ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཁག་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།