དད་ལྡན་མང་ཚོགས་ལ་བླང་དོར་བཀའ་སློབ།
2015.06.07

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨོས་ཋརེ་ལི་ཡའི་བོད་མི་ཡོངས་ནས་བཀའ་འདྲིན་རྗེས་དྲན་ཞུ་བའི་ཆེད་དུ་བརྟན་ཞུགས་འབུལ་ལམ་ཞུས་པ་ཡོད་པ་རེད།
དེ་རིང་ཕྱི་ཟླ་དྲུག་པའི་ཚེས་༧ རེས་གཟའ་ཉི་མའི་ཉིན་ཨོས་ཋརེ་ལི་ཡའི་་གནས་སྡོད་བོད་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡེ་ཤིས་འཁོར་ལོའི་སྒོ་ནས་བརྟན་ཞུགས་འབུལ་ལམ་ཞུས་པ་དང།
མཛད་སྒོ་དེའི་ཐོག་ལ་ཨོས་ཋརེ་ལི་ཡའི་ནང་བཞུགས་མཁན་བླ་སྤྲུལ་དགེ་བཤེས་དང་དགེ་འདུན་པ། བོད་མི་དང་འབྲུག་པ་ཝེཏ་ནཱམ་ཕྱི་རྒྱལ་བ་སོགས་དད་ལྡན་མང་ཚོགས་གསུམ་སྟོང་ལྷག་བཅར་ཡོད་པ་དང། སྐབས་དེར་བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཨོས་ཋརེ་ལི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས། ལས་དོན་སྙན་གསེང་ཞུས་པའི་ནང། ཨོས་ཋརེ་ལི་ཡའི་ཁུལ་དུ་བོད་མི་རྣམས་༡༩༧༢ ནས་སླེབས་ཡོད་པ་ནས་ད་ཆ་བོད་མིའི་མི་འབོར་ཆིག་སྟོང་བདུན་བརྒྱ་ཙམ་ཡོད་པ་དང་། བོད་མི་དེ་དག་གིས་ཆོས་དང་འཇིགས་རྟེན་། བསྟན་པ་ཆབ་སྲིད་གང་གི་ཐོག་ལ་༧གོང་ས་མཆོག་གི་བཀའ་དགོངས་ཐོག་ཤར་བསྐྱོད་ཞུས་ཡོད་ལ་ད་དུང་ཡང་མ་འོངས་བཀའ་དགོངས་ཐོག་ལ་ཤར་བསྐྱོད་བྱ་རྒྱུའི་དམ་བཅའ་ཕུལ་ཡོད་པ་རེད།
དེ་རྗེས་བརྟན་བཞུགས་ཀྱི་མཛད་སྒོ་གྲུབ་པའི་རྗེས་༸གོང་ས་མཆོག་གིས་མང་ཚོགས་
ལ་བཀའ་སློབ་སྩལ་བའི་ནང། འདིར་གནས་སྡོད་བྱེད་མཁན་བོད་མི་རྣམས་ནི་ཐོག་
མར་རྒྱ་གར་དུ་འབྱོར་བའི་རྗེས་ཨོས་ཋརེ་ལི་ཡར་སླེབས་ཏེ་སྐྱབས་བཅོལ་བ་གཉིས་པ་ཞིག་ཆགས་ཡོད་ནའང་དད་པ་དང་དམ་ཚིག་ལ་འགྱུར་བ་མེད་པ་དང།་ལྷག་བསམ་རྣམ་པར་དཀར་བའི་བརྟན་བཞུགས་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་བཀའ་གནང་བ་མ་ཟད། ཨོས་ཋརེ་ལི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་དོན་སྙན་གསེང་ཞུས་པ་ཁག་ལ་ཐུགས་དགྱེ་ཚོར་ཆེན་པོ་བྱུང་གནང་ཡོད་པ་རེད།ཞིབ་ཕྲའི་གནས་ཚུལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྭ་ལོ་དོན་ལྡན་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎
གསར་འགོད་པ་གཡུ་སྒྲོན་དང་རྭ་ལོ་དོན་ལྡན།
ཡང་ཤེས་ཡོན་སློབ་གསོའི་ལེ་ཚན་ནང་། ཨོསི་ཏྲེ་རི་ལི་ཡའི་ནང་ཆིབས་བསྒྱུར་མཛད་འཆར་སྐྱོང་གནང་མཛད་བཞིན་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་སྐྱ་སེར་ཕོ་མོ་ཚང་མས་ནང་ཆོས་ལ་དད་པ་ཙམ་མ་ཡིན་པར་ནང་དོན་ཤེས་པར་བྱས་ཏེ་ལག་ལེན་དུ་འཁེལ་བ་བྱ་དགོས་པའི་སྐོར་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།