ལ་དྭགས་བྲག་ཐོག་དགོན་དུ་བཀའ་སློབ་སྩལ་བ།
2016.08.11
༄༅༎དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་བྲག་ཐོག་དགོན་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་གྲོ་ལོད་ཀྱི་སྐུ་བརྙན་བཞེངས་པའི་སྐོར་དང་དེ་བཞིན་ལ་དྭགས་བོད་ཁྱིམ་དུ་དད་ལྡན་མང་ཚོགས་ལ་བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་ལྡན་པའི་མི་རིགས་ཤིག་དང་ང་ཚོར་དམིགས་བསལ་ཁྱད་ཆོས་ལྡན་པའི་ཆོས་དང་སྐད་ཡིག་ཡོད་པ་དེ་སློབ་སྦྱོང་དགོས་པའི་ཐོག་བོད་ནང་གི་བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་པའི་སྐོར་ལ་བཀའ་སློབ་གནང་བའི་ཞིབ་ཕྲའི་གནས་ཚུལ་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།