མི་རབས་ནས་ཡོད་པའི་ཡ་རབས་བཟང་སྤྱོད་དེ་བདག་འཛིན་བྱ་རྒྱུ་གལ་ཆེ།
2016.04.26

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ པའི་ཚེས་ ༢༦ ཉིན། བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་གཙུག་ལག་རབ་འབྱམས་པ་དང་། སྐབས་བཅོ་ལྔ་པའི་མཐོ་རིམ་རིག་གནས་རབ་འབྱམས་པ། དེ་བཞིན་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་དགེ་བཤེས་བཅས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་དེས་འཛམ་གླིང་སྤྱི་ལ་ཕན་པ་བསྒྲུབ་པ་ཞིག་བྱ་དགོས་པའི་སྐོར་བཀའ་སློམ་བསྩལ་གནང་མཛད་འདུག ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་ཨོ་རྒྱན་བསྟན་འཛིན། གསར་འགོད་པ་རིག་ལྡན་སྒྲོལ་མ།