༄༅༎ཐེ་ཝན་ནང་པའི་ཆོས་ཚོགས་ཁག་གཅིག་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོ་བོ་གྱུར་བའི་ཆོས་ཞུ་བ་༦༠༠༠བརྒལ་བར་འདི་ཚེས་༦ནས༩བར་ཉིན་གྲངས་བཞིའི་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་གསུང་ཆོས་དེ་རིང་ཕྱི་ཟླ ༡༠་ པའི་ཚེས་༩ཉིན་མཇུག་སྒྲིལ་ལེགས་པར་མཛད་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།