༸གོང་ས་མཆོག་ལ་ཏི་ཝི་ཡར་ཆིབས་བསྒྱུར།
2014.05.11

༸གོང་ས་མཆོག་གི་དྲ་གནས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༥དང༦ བཅས་ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཏི་ཝི་ཡའི་རྒྱལ་ས་རི་གར་ལག་ལེན་སོ་བདུན་མ་དང་ཤེས་རབ་སྙིང་པོའི་ཆོས་འབྲེལ་སོགས་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༧ ཉིན་ནས་༩བར་ཉིན་གྲངས་གསུམ་གྱི་རིང་། ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་ཆིབས་སྒྱུར་གྱིས་༸གོང་ས་མཆོག་ལ་ཕྱི་ལོ་ ༡༩༨༩ ལོར་ནོར་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་ཕེབས་བཞུགས་གནང་རྒྱུ་དང་། ༸གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་དང་ཨོ་སི་ལོ་གཙུག་ལག་སློབ་གྲྭའི་ནང་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སོགས་སྩལ་རྒྱུ་ཡིན་པའི་སྐོར་ཚེ་དབང་ནོར་བུས་ཕྱོགས་བསྒྲིགས་དང་རྒྱང་བསྲིང་ཞུས་པར་གསན་རོགས་ཞུ༎