༸གོང་ས་མཆོག་ཨ་རིའི་མངའ་སྡེ་ཨ་ལ་བྷ་མ་རུ་ཞབས་སོར་འཁོད་གནང་བ།
2014.10.25

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཕྱི་ཚེས་ ༢༤ ཉིན་ཀེ་ན་ཌེའི་གྲོང་ཁྱེར་ཝན་ཀྱུ་ཝར་ནས་ཨ་རིའི་མངའ་སྡེ་ཨ་ལ་བྷ་མའི་གྲོང་ཁྱེར་སྦར་མིང་ཧམ་རུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་ཅིང་། གྲོང་ཁྱེར་དེའི་སྤྱི་ཁྱབ་སྐུ་ཞབས་ William Bell དང་ཨ་ལ་བྷ་མའི་གཙུག་ལག་སློབ་གྲྭ་ཆེན་མོའི་སྐུ་ཚབ་མི་སྣ་སོགས་གནམ་ཐང་དུ་ཆེད་བཅར་གྱིས་ཕེབས་བསུའི་འཚམས་འདྲི་ཞུས་འདུག།
དེ་རིང་ཕྱི་ཚེས་ ༢༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་ལ་བྷ་མའི་གཙུག་ལག་སློབ་གྲྭ་ཆེན་མོས་གོ་སྒྲིག་ཞུས་པའི་ཀླད་རྩའི་ངོ་བོར་འགྱུར་ལྡོག་དང་གསོ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གི་ཀླད་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་ཁག་གཅིག་དང་ལྷན་དུ་མང་ཚོགས་བགྲོ་གླེང་གི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད། དེ་སྔོན་ཀླད་རྩའི་ཚན་རིག་པ་ཚོས་ཀླད་རྩའི་རང་བཞིན་གྱི་ངོ་བོར་འགྱུར་ལྡོག་འགྲོ་རྒྱུ་མེད་པར་ཚོད་དཔག་བྱས་ཡོད་ཀྱང་། ནང་པའི་ངོས་ནས་སྒོམ་སྒྲུབ་ཉམས་ལེན་གྱི་ཐོག་ནས་སེམས་ལ་བཟོ་བཅོས་ཐེབས་ཐུབ་པར་མ་ཟད། དེ་བརྟེན་པའི་ཡུལ་ཀླད་པའི་རྩ་ཁམས་ལ་ཡང་འགྱུར་བ་གཏོང་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།
ཕྱི་ཚེས་ ༢༦ སྔ་དྲོ་སྦར་མིང་ཧམ་གྲོང་སྡེ་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་ཆོས་དད་ཀྱི་དབྱེ་མཚམས་ལས་བརྒལ་བ་ཞེས་པའི་མིང་གི་ཐོག་ནས་ཆོས་ལུགས་མཐུན་བསྒྲིལ་གོང་འཕེལ་ལ་དམིགས་པའི་བགྲོ་གླེང་གི་ཚོགས་མགོན་དུ་མཉམ་ཞུགས་མཛད་རྒྱུ་དང་། ཉིན་རྒྱབ་དེང་རབས་ཀྱི་དུས་སྐབས་འདིར་ཆོས་ལུགས་ཀྱི་དྲ་ལས་བརྒལ་བའི་ཡ་རབ་སྤྱོད་བཟང་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད༎
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྦར་མིང་ཧམ་དུ་ཆིབས་བསྒྱུར་ཞབས་སོར་འཁོད་བསྟུན་ས་ཕྱོགས་འདྲ་མིན་ནས་བོད་རིགས་ཕེབས་བསུར་བཅར་ཡོད་པའི་སྐོར། འདི་གའི་ཆེད་གཏོང་གསར་འགོད་པ་བོད་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་བ་འི་གནས་ཚུལ་གཤམ་ལ་གསན་རོགས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ་སྡེ་ཨ་ལ་བྷ་མའི་གྲོང་ཁྱེར་སྦར་མིང་ཧམ་རུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་པ།

གསར་འགོད་པ་བོད་རྒྱལ།