དགྲ་ནག་བཅུ་གསུམ་མའི་བཀའ་དབང་།
2013.07.13

༄༅༎༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༢ནས་བཟུང་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་རྫོང་ཆོས་གྲ་ཚང་དུ་དད་ལྡན་ཆོས་ཞུ་བ་༡༠༠༠༠ཙམ་ལ་དགྲ་ནག་བཅུ་གསུམ་གྱི་བཀའ་དབང་སྔོན་འགྲོ་དང་དངོས་གཞི་གཉིས་རྩོལ་བཞིན་པ་ལྟར། དེ་རིང་ཕྱི་ཚེས་༡༣ཉིན་དགྲ་ནག་བཀའ་དབང་དངོས་གཞི་བསྩལ་གནང་མཛད་སྐབས། དད་ལྡན་ཆོས་ཞུ་བ་རྣམས་ལ་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གལ་ཆེ་བའི་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར། འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎