ཏཱ་ལའི་བླ་མའི་ཚུལ་སྤྱོད་དང་བཟང་པོའི་རིན་ཐང་།
2017.02.12

༄༅༎ཕྱི་ཟླ་༢ཚེས་༡༢རེས་གཟའ་ཉི་མའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཨན་དྲ་པར་དེཤ་དང་ཏེ་ནང་སྒ་ན་གཉིས་ཀྱི་རྒྱལ་ས་ཧཡེ་ད་ར་སྦཱད་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨ་རིའི་MITམཐོ་སློབ་ཁང་དུ་༸གོང་ས་མཆོག་མཚན་ཐོག་ཆེད་འཛུགས་གནང་བའི་ཏཱ་ལའི་བླ་མའི་ཚུལ་སྤྱོད་དང་བཟང་པོའི་རིན་ཐང་བསྟི་གནས་ཁང་གི་ཡན་ལག་ཅིག་དབུ་འབྱེད་མཛད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ལ་གསན་རོགས༎གསར་འགོད་པ་པདྨ་དངོས་གྲུབ།