རྒྱ་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་ནས་བོད་ཀྱི་ནང་ཆོས་ལ་དོ་སྣང་དང་སློབ་གཉེར།
2018.10.13

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་། ཉེ་བའི་དུས་སུ་༧གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ་ཁག་དྲ་རྒྱའི་ཐོག་ནས་རྒྱ་སྐད་ནང་གསུང་བསྒྱུར་ཞུས་ཏེ་ཐད་གཏོང་གནང་གི་ཡོད་པ་དང་། རྒྱ་ཡིག་ཐོག་ཕྱག་དཔེ་སོགས་མང་པོ་པར་བསྐྲུན་གནང་བ་སོགས་ཀྱི་གནས་སྟངས་ཐོག་ནས་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་རྒྱུད་ལ་དོ་སྣང་དང་སློབ་གཉེར་གནང་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་འབྲེལ་ཡོད་སྐོར། སྐུའི་རྒྱ་སྐད་ཀྱི་གསུང་བསྒྱུར་བ་འབུམ་རམས་པ་འཇམ་དབྱངས་རིན་ཆེན་ལགས་དང་སེར་སྨད་དགེ་བཤེས་ལྷ་རམས་པ་ཧ་ཤེན་རིན་པོ་ཆེ་དང་ལྷན་དུ་སྒྲོལ་དཀར་ལགས་ཀྱིས་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།