བསམ་པ་བཟང་པོའི་ཐོག་ནས་སེམས་ལ་ཞི་བདེ་སྐྲུན་དགོས།
2022.10.04
ད་རིང་གི་གཏམ་གླེང་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་རམ་ས་ལར་ཐེ་ཝན་གྱི་དད་ལྡན་པ་གཙོས་པའི་ཆོས་ཞུ་བ་ཚོར་ཉིན་གསུམ་རིང་ནང་ཆོས་ངོ་སྤྲོད་དང་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་སོགས་ཀྱི་བཀའ་ཆོས་གནང་ཡོད་ཅིང་། ཆོས་འབྲེལ་ཉིན་དང་པོའི་ཐོག་ཞི་བདེ་གཙོ་བོ་ནི་བསམ་པ་བཟང་པོ་བྱས་ནས་སེམས་ལ་ཞི་བདེ་ཡོང་ཐབས་བྱས་ན་ཞི་བདེ་ངོ་མོ་འདི་ཆགས་ཀྱི་ཡོད་པ་སོགས་བཀའ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཁག་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།