གནས་ཚུལ་རྟོག་ཞིབ་ཀྱི་སྐུལ་མ།

༸གོང་ས་མཆོག་ནས་ཉི་ཧོང་གྲོས་ཚོགས་འཐུས་མི་ཚོ་བོད་ནང་ཕེབས་དགོས་པའི་སྐུལ་མ་གནང་།

2012.11.13
༸གོང་ས་མཆོག་ནས་ཉི་ཧོང་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་ཚོ་བོད་ནང་ཕེབས་དགོས་པའི་སྐུལ་མ་གནང་བ།
ཨེ་ཨེཕ་པི།

༄༅༎ཕྱི་ཟླ་༡༡ཚེས་༡༣རེས་གཟའ་མིག་དམར་གྱི་ཉིན་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ ༡༣༠ ཙམ་གྱིས་ཉི་ཧོང་གི་གྲོས་ཚོགས་ནང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཤིང། སྐབས་དེར་༸གོང་ས་མཆོག་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་སླད་གྲོས་ཚོགས་ཀྱི་འཐུས་མི་ཚོ་དངོས་སུ་བོད་ནང་ཕེབས་དགོས་པའི་སྐུལ་མ་གནང་འདུག
གྲོས་ཚོགས་ཀྱི་འཐུས་མི་དེ་དག་གི་ཁོངས་སུ་ཉེ་ཆར་བསྐྱར་དུ་ཉི་ཧོང་གི་ཕྱོགས་འགལ་ཚོགས་པ་གཙོ་བོའི་འགོ་འཁྲིད་དུ་འདེམས་ཐོན་བྱུང་བ་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བེ་མཆོག་ཀྱང་ཆེད་བཅར་ཞུས་ཡོད་ཅིང། ༸གོང་ས་མཆོག་གིས་ངས་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཚོགས་པ་བོད་སྤྱི་དང་ལྷག་པར་དུ་བོད་མི་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་གཏོང་བའི་ཧ་ལས་པའི་ཡིད་སྐྱོའི་དོན་རྐྱེན་འབྱུང་བཞིན་པའི་ས་གནས་ཁག་ཏུ་ཕེབས་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན་ཅེས་དང།  གལ་ཏེ་ཕྱིའི་ཡུལ་གྲུ་ཁག་གི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ས་ཁུལ་དེ་དག་ནང་གི་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་བྱེད་ཚེ་རྒྱ་ནག་གི་འགོ་འཁྲིད་ཚོས་ཀྱང་དངོས་ཡོད་གནས་ཚུལ་ཤེས་རྟོགས་སྲིད་པ་ཞིག་རེད་ཅེས་བཀའ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎