འཆི་མེད་དགའ་ཚལ་གླིང་།
2012.04.04

བོད་ཀྱི་དུས་བབ།
༄༅༎ཕྱི་ཟླ་༤ཚེས་༣རེས་གཟའ་མིག་དམག་གྱི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་ པོ་མཆོག་ནས་གུ་རུའི་གནས་མཆོག་མཚོ་པདྨ་པ་ཁུལ་གྱུ་ཆོས་འབྲེལ་མཛད་འཆར་ཁག་ལེགས་ པར་གྲུབ་རྗེས་རྡ་སའི་ཉེ་ཁུལ་སི་དི་བ་རིར་ཡོད་པའི་མངའ་འགྱུར་རྙིང་པའི་དགོན་ པ་འཆི་མེད་དགའ་ཚལ་གླིང་དུ་༸ཞབས་སོར་འཁོད་གནང་མཛད་ཡོད་པ་དང༌།དགོན་པ་དེའི་ནང་ ཉིན་གྲངས་བཞིའི་ཆོས་འབྲེལ་མཛད་འཆར་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་ཕྱག་མཛོད་བློ་བཟོད་པ་ལགས་སུ་གནས་ འདྲི་ཞུས་པར་གསན་རོགས༎