༸གོང་ས་མཆོག་ལ་ཨེས་ཨེམ་ཡུའི་གཟེངས་རྟགས།

འཛམ་གླིང་དབུ་ཁྲིད་ཀྱི་ལྷན་ཚོགས་ཤིག་གི་ཐོག་༸གོང་ས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་བའི་གནས་ཚུལ།

2011.05.10
༸གོང་ས་མཆོག་ལ་ཨེས་ཨེམ་ཡུ་སློབ་གྲྭས་གཟེངས་རྟགས་ཕུལ། འཛམ་གླིང་དབུ་ཁྲིད་ཀྱི་ལྷན་ཚོགས་ཤིག་གི་ཐོག་༸གོང་ས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་བ།
༸གོང་ས་མཆོག་གི་དྲ་གནས།

༄༅༎ཕྱི་ཟླ་ ༥ ཚེས་ ༩ ཉིན་ Southern Methodist མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཁས་པའི་ཆེ་བསྟོད་གཟེངས་རྟགས་ཞིག་ཕུལ་ཡོད་པ་རེད། Hart གོ་ལའི་འགོ་འཁྲིད་ཀྱི་གླེང་སྟེགས་ཀྱི་ལས་འཆར་ཞེས་པ་དེ་ SMU  མཐོ་རིམ་སློབ་གྲྭས་ཕྱི་ལོ་ ༡༩༩༩ ལོར་འགོ་བཙུགས་ཞུས་པ་ཞིག་ཡིན་པ་དང་། གླེང་སྟེགས་དེའི་ཚོགས་འདུའི་ཐོག་ད་བར་གསུང་བཤད་གནང་མཁན་གྱི་ཁོངས་སུ་ ཨ་རིའི་སྲིད་འཛིན་ཟུར་པ་ ཇེ་རལཌ་ཕྷོརཌ་དང་། སྲིད་འཛིན་ཟུར་པ་ George H.W. Bush ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་མེ་ཌ་ལིན་ཨལ་བྷརཡེཌ་དང་། ཨིན་ཇིའི་སྲིད་བློན་ཟུར་པ་ཊོ་ནི་བྷལེ་ཡར་སོགས་ཡོད་པ་རེད། མཐོ་རིམ་སློབ་གྲྭ་དེའི་འཕེལ་རྒྱས་དང་ཕྱི་འབྲེལ་སྡེ་ཚན་གྱི་གཙོ་འཛིན་གཞོན་པ་ Brad Cheves གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་བསུའི་གསུང་བཤད་གནང་སྐབས་ ༧གོང་ས་ཏཱ་ལའི་བླ་མ་མཆོག་འདི་གར་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་པ་དེ་ནི་མཐོ་རིམ་སློབ་གྲྭ་འདིའི་ལོ་རྒྱུས་ཀྱི་ཟིན་ཐོར་འཁོད་པའི་རང་བཞིན་ཞིག་ཡིན་པ་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎