༸གོང་ས་མཆོག་ནས་སྦུཤ་ལྷན་མཇལ་འཕྲད་གནང༌།
2011.05.11

༄༅༎ཕྱི་ཟླ་༥ཚེས་༡༠རེས་གཟའ་མིག་དམར་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་Texas གྲོང་ཁྱེར་Dallas ནང་ཨ་རིའི་སྲིད་འཛིན་ཟུར་པ་George W.Bush མཆོག་དང་ལྷན་དུ་མཇལ་འཕྲད་གནང་འདུག།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་ཟུར་པ་ལྕམ་Paula Dobriansky དང་ལྷན་དུ་མཇལ་འཛོམས་གྲུབ་པའི་རྗེས་སྲིད་འཛིན་ཟུར་པ་George W Bush དང་ལྕམ་Laura Bush རྣམ་གཉིས་ཀྱི་གཟིམ་ཤག་ཏུ་ཆིབས་བསྒྱུར་གནང་ནས་ཕྱག་ཚོད་ཅིག་ཙམ་རིང་བཀའ་མོལ་གནང་ཡོད་པར་ སྲིད་འཛིན་ཟུར་པ་Bush མཆོག་གིས་མཉེས་འཚོར་ཆེན་པོ་གནང་ཡོད་པ་དང༌། ༸གོང་ས་མཆོག་ནས་ཀྱང་རྗེས་སུ་ཉིན་དགུང་གསོལ་སྟོན་སྐབས་Bush ལ་ཐུགས་བརྩེ་ཆེན་པོས་སྙིང་ནས་བརྩེ་བའི་གྲོགས་པོ་ཞེས་གསུངས་གནང་མཛད་སྟེ་Bush བསྐྱར་དུ་མཇལ་རྒྱུར་ངང་སྒུག་ཆེན་པོ་གནང་ཡོད་སྐོར་བཀའ་གནང་འདུག།
སྲིད་འཛིན་ཟུར་པ་Bush ཡི་ཞུགས་གནས་སུ་ཕེབས་གྲུབ་པའི་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཕྱོགས་Methodist གཙུག་ལག་སློབ་གྲྭ་ཆེན་མོའི་Meadows འགྲེམས་སྟོན་ཁང་དུ་དམངས་གཙོའི་བརྗོད་གཞིའི་སྐོར་
George W Bush སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་Jim Glassman ཡིས་དམངས་གཙོའི་བརྗོད་གཞིའི་སྐོར་བཀའ་འདྲི་དགོངས་བསྐོར་ཞུས་ཡོད་ཅིང༌།༸གོང་ས་མཆོག་གིས་དམངས་གཙོའི་ལམ་སྲོལ་ཐོག་གི་དགོངས་ཚུལ་སྤྱི་དང༌། བོད་པའི་དམངས་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་སྐོར་བཀའ་འགྲེལ་གནང་ཡོད་པ་རེད།།