ཏུམ་ཀུར་གཙུག་ལག་སློབ་གྲྭར་ཆིབས་བསྒྱུར།


2013.03.05
༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཁག་ཅིག་ནང་གི་མཛད་འཆར་ཡོད་པའི་གནས་ཚུལ།
ཏུམ་ཀུར་གཙུག་ལག་གྲྭའི་དྲ་གནས།

༄༅།།ཕྱི་ཟླ་ ༣ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དྷ་རམ་ས་ལ་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་དེ་ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཏུམ་ཀུར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་རྒྱ་གར་གྱི་མངའ་སྡེ་ཆ་ཏི་སི་གྷར་ནང་ཡོད་པའི་ཀུ་ཤ་བྷོ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། དེ་བཞིན་རྒྱ་གར་མངའ་སྡེ་ཨུ་ཊར་པར་ཌེ་ཤི་ནང་ཡོད་པའི་མཐོ་སློབ་བཅས་ནང་མཛད་འཕྲིན་སྐྱོང་སྐྱོང་གནང་མཛད་རྒྱུ་ཡིན་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དཀར་མཛེས་བ་བསོད་ནམས་དབང་འདུས་ལགས་ཀྱིས་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པར་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎