སློབ་ཕྲུག་ཁྱེད་རང་ཚོ་མ་འོངས་བོད་མིའི་སོན་རྩ་ཆགས་ཡོད།


2016.12.23
༧གོང་ས་མཆོག་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭ་དབུས་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་པ་བཞུགས་པ། ༢༠༡༦།༡༢།༢༣ ༧གོང་ས་མཆོག་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭ་དབུས་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་པ་བཞུགས་པ། ༢༠༡༦།༡༢།༢༣
འཇིགས་མེད་སྙན་གྲགས།/RFA

མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭ་དབུས་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་སྐབས་༧གོང་ས་མཆོག་གིས་བཀའ་སློབ་གནང་འདུག
དེ་ཡང་འདི་ཚེས་༢༣་ཉིན། སྐུ་མགྲོན་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག བཀའ་ཤག་སྐབས་༡༥་པའི་ལམ་སྟོན་པ་བཀའ་ཟུར་པདྨ་ཆོས་འབྱོར་མཆོག ཕྱོཊ་བཞུཊ་སྤྱི་འཐུས་ཁག་གཅིག ལྷོ་སྤྱིས་གཙོས་ལྷོ་ཕྱོཊ་གཞིས་ཆཊ་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ། ཕྱི་ནང་གི་སྐུ་མགྲོན་རྣམ་པ། དགེ་རྒན་ཟུར་པ་དང་སློབ་ཟུར མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་གཙོས་པའི་དགེ་
ལས་སློབ་ཕྲུག་སོཊ་ལྷན་འཛོམས་གནང་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭ་དབུས་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་སྲུང་བརྩི་གཟབ་རྒྱས་གནང་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བོད་མིའི་སྤྱི་ཚོཊ་གང་དུ་ཡིན་ནའང་མི་རབས་གཞོན་པ་དེ་དག་མ་འོངས་པའི་སོན་རྩ་ཆགས་ཡོད། དེ་རིང་འདིར་སྤྱིར་བོད་གངས་ཅན་དང་བྱེ་བྲག་ཏུ་བཙན་བྱོལ་ནང་ཡོད་པའི་སློབ་ཕྲུག་ཁྱེད་རང་ཚོ་མ་འོངས་བོད་མིའི་སོན་རྩ་ཆགས་ཡོད། ཁྱེད་རང་ཚོ་གཙོ་བོར་གྱུར་བའི་དེ་རིང་འདིར་ཆེད་དུ་གཉེར་ནས་དེ་སྔ་ནས་ལོ་མང་པོ་གོང་ནས་ཞབས་འདེགས་སྒྲུབ་མཁན་འབྲེལ་ཡོད་མང་པོ་ཞིག་དང་། དེ་བཞིན་སློབ་གྲྭ་འདི་ནས་ཐོན་པའི་སློབ་ཟུར་མང་པོ་ཞིག་ཀྱང་ཕེབས་འདུག ལོ་ལྔ་བཅུ་འཁོར་བའི་
དུས་ཆེན་ཟེར་དུས་ང་ཚོའི་མི་ཚེ་ནང་གི་དུས་ཚོད་མང་པོ་ཕྱིན་ཚར་བའི་ཚོར་སྣང་ཞིག་ཡོང་བཞིན་འདུག ཕྱི་ལོ་༡༩༥༩ནས་ལོ་༥༧་ཕྱིན་པ་རེད། ལོ་༥༧་ནང་མི་ཐོག་བརྗེ་འགྲོ་གི་
ཡོད་རེད། ལྔ་བཅུ་ང་དགུ་ལོར་སླེབས་པའི་མི་ཐོག་མང་ཆེ་བ་རྫོགས་ཟིན་ཡོད། ང་ཚོ་མི་སྒེར་སོ་སོའི་གནས་ཚུལ་མ་རེད། མི་རིགས་གཅིག་གི་དོན་དག་ཆགས་ཀྱི་ཡོད། མི་རིཊ་དེ་ཡང་འདས་པའི་ལོ་སྟོང་ཕྲག་ཁ་ཤས་རིང་བསམ་བློ་བཏང་ན་བོད་མི་རིགས་འདི་ཧ་ཅང་གྱོང་པོ་རེད་འདུག ང་ཚོ་བོད་རྒྱ་ཆེའི་མི་མང་དཀའ་ངལ་ནང་ཚུད་ནས་ཁོག་པར་མེ་འབར་ཡང་ཁ་ནས་དུ་བ་བཏོན་མ་ཆོག་པའི་གནས་སྟངས་འོག་གནས་ཡོད་སྟབས། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ཁོང་རྣམ་པའི་ཚབ་བྱས་ཏེ་ཤུགས་མ་བརྒྱབ་ན་སུས་བྱེད་བསམ་ནས་སེམས་ཤུགས་སྐྱེད་དགོས་རྒྱུ་ཞིག་འདུག ད་བར་ཤུཊ་བརྒྱབ་པ་རེད་ད་དུང་མུ་མཐུད་དུ་ཤུཊ་བརྒྱབ་དགོས་ཅེས་བཀའ་སློབ་བསྩལ་འདུག
མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུཊ་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་མར་མེ་མཆོད་ཀོང་རེ་དང་། བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག་དང་ལྕམ་ཇུ་ཌི་(Judy)རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ཕྱག་རྟགས་དང་། དགེ་ལས་ཟུར་པ་ཁག་གཅིག་ལ་ཕྱག་རྟཊ་ཕུལ་གྲུབ་བསྟུན་ཤེས་རིག་བཀའ་བློན་མཆོག་གིས་དུས་སྟོན་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་སྲིད་སྐྱོང་མཆོག་གིས་ཤེས་རིག་ལས་ཁུངས་ནས་འདོན་སྤེལ་གནང་བའི་བོད་མིའི་ངོ་བོ་ཞེས་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་།
* ཞིབ་ཕྲ་འདི་གའི་གསར་འགོད་པས་ས་གནས་ནས་བཏང་བའི་གནས་ཚུལ་གོང་གི་དྲ་ཐག་ནས་གསན་ཐུབ།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎