དགེ་འདུན་པ་རྣམས་ནས་ཚན་རིག་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་སྩལ་བ།
2013.07.10

༄༅།།ཕྱི་ཟླ་ ༧ ཚེས་༧ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་བྱེས་གྲྭ་ཚང་གི་ཚན་རིག་བསྟི་གནས་ཁང་གསར་པ་དབུ་འབྱེད་རབ་གནས་དང་འབྲེལ་གྲྭ་ཚང་དེའི་དགེ་འདུན་པ་ཚན་རིག་སློབ་སྦྱོང་གནང་དང་གནང་མུས་ཡིན་པ་བརྒྱ་དང་ཉི་ཤུ་རྩ་གྲངས་ཡོད་པ་རྣམ་ལ་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་པ་དང་མཉམ་དུ་ཚན་རིག་ལ་སློབ་སྦྱོང་དགོས་གལ་ཆེན་པོ་ཡིན་པ་དང༌།ཚན་རིག་ལ་སློབ་སྦྱོང་བྱས་ན་ཆོས་དད་ལས་གནོད་རྒྱུ་མིན་པའི་བཀའ་གནང་བ་མ་ཟད།ནང་ཆོས་སློབ་སྦྱོང་བྱེད་རྒྱུར་ཕན་གྲོགས་ཀྱི་རྒྱབ་སྐྱོར་ཐོབ་ངེས་ཡིན་པའི་ལམ་སྟོན་བཀའ་སློབ་སྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎