ཐེ་ལེན་ཡུལ་མིར་ཐུགས་གསོ།
2011.11.22

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ལེན་ཌིའི་ཆུ་ལོག་ནང་གོད་ཆག་བྱུང་བ་རྣམས་པ་ཐུགས་གསོའི་བཀའ་ཡིག་གནང་བའི་གནས་ཚུལ་ཐོན་འདུག ཐེ་ལེན་ཌིའི་ནས་ཟླ་བ་གསུམ་ཙམ་གྱི་རིང་དུ་བསྟུད་མར་ཆར་ཆུ་འབབ་པའི་ཤུགས་རྐྱེན་འོག་ཐེ་ལེན་ཌིའི་རྒྱལ་སའི་ནང་བྱུང་མྱོང་མེད་པའི་ཆུ་ལོག་གི་གོད་ཆག་བྱུང་ཡོད་ཅིང་། གྲོང་ཁྱེར་གྱི་སྡོད་མི་མང་པོ་གྲོང་ཁྱེར་ནས་ཉེན་གཡོལ་དུ་འགྲོ་དགོས་པའི་གནས་ཚུལ་བྱུང་ཡོད་པ་རེད་། ད་ཆ་གནས་སྟངས་ཕྲན་བུའི་བཟང་དུ་ཕྱིན་ནས་གྲོང་ཁྱེར་ནང་གི་ཆུའི་ཚད་གཞི་དམའ་རུ་ཕྱིན་ནས་འགྲེམ་འགྲུལ་གང་ཙམ་ཉམས་གསོ་བྱུང་ཡོད་པ་རེད་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཅུ་གཅིག་པའི་ཚེས་ ༢༡ ཉིན་ ཐེ་ལེན་ཌིའི་སྲིད་བློན་ལྕམ་སྐུ་ཡིང་ལུག་ཤི་ན་ཝ་ཏ་མཆོག་ལ་བཀའ་ཡིག་གསུང་འཕྲིན་ཞིག་གནང་ཡོད་ཅིང་། ཁོང་གིས་ དེ་སྔ་བྱུང་མྱོང་མེད་པའི་ཐེ་ལན་ཌི་ཆུ་ལོག་གི་གོད་ཆག་ནང་མི་མང་འདས་གྲོང་དུ་ཕྱིན་པ་དང་།ཁང་ཁྱིམ་དང་།ནོར་ཕྱུགས་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་ཕོག་པར་༸གོང་ས་མཆོག་ཐུགས་ཕམ་ཆེན་པོ་བྱུང་ཡོད་པར་བརྟེན་ཚེ་འདས་རྣམས་ལ་ཐུགས་གསོའི་སྨོན་ལམ་དང་། རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་གནང་ཡོད་པ་རེད་འདུགད་ལྟ་གོད་ཆག་འོག་ཏུ་མནར་བཞིན་པའི་མི་མང་རྣམས་དཀའ་ཚེགས་ལས་གང་མགྱོགས་གྲོལ་བའི་ཆེད་དུ་ཐུགས་སྨོན་སྐྱབས་འཇུག་གནང་གི་ཡོད་པའི་སྐོར་གསུང་འཕྲིན་ནང་བཀོད་གནང་འདུག ཆུ་ལག་གི་ངལ་སེལ་རོགས་སྐྱོབས་ཆེད་ཏཱ་ལའི་བླ་མའི་ཐེབས་རྩ་ནས་ཞལ་འདེབས་ཀྱང་གསོལ་རས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག༎