ཧུན་སུར་དུ་༸ཞབས་སོར་འཁོད།
2011.12.05

པདྨ་དངོས་གྲུབ།
![]() |
གསར་འགྱུར་ལ་གསན་རོགས། |
༄༅།།ཕྱི་ཟླ་༡༢ཚེས་༤རེས་གཟའ་ཉི་མའི་ཉིན་བོད་ཀྱི་བླ་ན་མེད་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཧུན་སུར་རབ་རྒྱས་གླིང་ཁུལ་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་༸ཞབས་སོར་འཁོད་གནང་མཛད་པ་དང༌།
༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཏེ་ཉིན་གསུམ་རིང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་མགོན་པོ་ཀླུ་སྒྲུབ་གྱི་རིམ་པ་ལྔ་པའི་འགྲེལ་བའི་གསུང་ཆོས་སྩལ་རྒྱུ་ཡིན་འདུག ཁུལ་དེར་དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་བརྒལ་བ་འབྱོར་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎