༸གོང་ས་མཆོག་ནས་དཔྱ་དངུལ་ཕྱག་དེབ་བཞེས་པ།
2011.08.07

༄༅༎ཕྱི་ཟླ་༨ཚེས་༦རེས་གཟའ་སྤེན་པ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་བཙན་བྱོལ་བོད་མིའི་དང་བླང་དཔྱ་དངུལ་ཕྱག་དེབ་དགྱེས་བཞེས་མཛད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་༥ཚེས་༢༩ཉིན་བཅའ་ཁྲིམས་བསྐྱར་བཅོས་ལ་ཆོག་མཆན་སྩལ་བ་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོཌ་བཙན་བྱོལ་བོད་མི་མང་གིས་འོས་འདེམས་ཞུས་པའི་འགོ་འཁྲིད་ལ་རྩིད་སྤྲོད་མཛད་གནང་གྲུབ་པ་དང་འཕྲལ་དུ་བཙན་བྱོལ་བོད་མིའི་དང་བླང་དཔྱ་དངུལ་ཕྱག་དེབ་བཞེས་གནང་མཛད་རྒྱུའི་དགོངས་བཞེས་གནང་བ་ལྟར། ཁ་ས་དབུས་བོད་མིའི་སྒྲིག་འཛུཌ་ཀྱི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་འབྲེལ་ཡོད་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ལཌ་རྣམ་གཉིས་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་དང་བླང་དཔྱ་དངུལ་ཕྱག་དེབ་དངོས་སུ་འབུལ་ལམ་ཞུས་པ་དང་༸གོང་ས་མཆོག་ནས་ཐུཌ་དགྱེས་གནང་ཆེན་པོའི་སྒོ་ནས་ཕྱག་དེབ་བཞེས་གནང་མཛད་འདུག་ ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་ཕྱི་ལོ་༡༦༤༢་ལོར་༸གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གིས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་དབང་བསྒྱུར་བའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོཌ་ལས་རྣམ་རྒྱལ་དབུ་བརྙེས་པ་ནས་བཟུང་བོད་ཀྱི་ཆོས་སྲིད་ལུཌ་གཉིས་ཀྱི་མངའ་དབང་ཆ་ཚང་རྒྱལ་བ་སྐུ་ཕྲེང་རིམ་འབྱོན་ན་རིམ་ནས་བདག་གིར་བཞེས་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་ད་བར་དང་བླང་དཔྱ་དངུལ་གནང་ཐབས་མ་བྱུང་ཡང་ ད་ཆ་དེའི་གནས་བབ་ལ་འགྱུར་བ་ཕྱིན་པའི་དབང་གིས་འདི་ལོའི་ཕྱི་ཟླ་༥་ཚེས་༢༩་ཉིན་ནས་དབུ་འཛུཌ་ཀྱིས་དང་བླང་དཔྱ་དངུལ་གསོལ་སྩལ་གནང་རྒྱུའི་ཕྱག་དེབ་དགྱེས་བཞེས་མཛད་ཡོད་པའི་གནས་ཚུལ་འདུག།