མོན་གྷོར་ཞབས་སོར་བདེ་བར་འཁོད་པ།
2013.07.17

༄༅༎རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཧོན་སུར་ཁུལ་གྱི་ཆོས་འབྲེལ་མཛད་འཆར་ལེགས་པར་གྲུབ་རྗེས་ཕྱི་ཟླ་༧ཚེས་༡༧རེས་གཟའ་ལྷག་པའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང༌། སེར་སྐྱ་མི་མང་ནས་ཕེབས་བསུ་ཟབ་རྒྱས་ཞུས་རྗེས་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་ནང་མཎྜལ་འདེགས་འབུལ་ཞུས་ཡོད་པ་དང་འབྲེལ་ཁུལ་དེའི་མཛད་འཆར་ཁག་གི་ངོ་སྤྲོད་མདོ་བསྡུས་ཤིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎