༸གོང་ས་མཆོག་མེ་རི་ལེནཌ་རུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་པ།


2013.05.06
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཤར་ཕྱོགས་མངའ་སྡེ་མེ་རི་ལེནཌ་རུ་༸ཞབས་སོར་འཁོད་སྐབས་ས་གནས་བོད་བརྒྱ་ཙམ་ནས་ཕེབས་བསུ་ཞུས་པ།
པ་སངས་དོན་ལྡན།

༄༅༎ཕྱི་ཟླ་༥ཚེས་༦རེས་གཟའ་ཟླ་བའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་སའི་ཉེ་འདབས་ཀྱི་མངའ་སྡེ་མེ་རི་ལེནཌ་རུ་༸ཞབས་སོར་བདེ་བར་འཁོད་སྐབས་ས་གནས་བོད་མི་བརྒྱ་ཙམ་མགྲོན་ཁང་གི་མདུན་དུ་བཅར་ནས་ཕེབས་བསུ་ཞུས་ཡོད་པའི་གནས་ཚུལ་འདུག ༸གོང་ས་མཆོག་ཕྱི་ཟླ་༥ཚེས་༢༡བར་མེ་རི་ལེནཌ་དང༌།ཨོ་རེ་གོན། ཝིས་ཀན་སིན།ལུ་ཝི་ཟི་ཡ་ན།ཀེན་ཊ་ཀི་བཅས་མངའ་སྡེ་ལྔའི་ནང་བཀའ་སློབ་དང་བགྲོ་གླེང་ལྷན་ཚོགས་སོགས་ཀྱི་མཛད་འཕྲིན་བསྐྱང་འཆར་ཡོད་པའི་གནས་ཚུལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎