༸གོང་ས་མཆོག་མེ་ཌི་སན་ཏུ་ཞབས་སོར་འཁོད་པ།
2010.05.16

ཤེས་རབ་ལྷ་ཚང༌།
༄༅༎ཕྱི་ཟླ་ལྔ་པའི་ཚེས་བཅོ་ལྔ་རེས་གཟའ་སྤེན་པའི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་མེ་རི་ཀའི་ཨིན་ཌི་ཡ་ནའི་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཝིས་ཀན་སིན་མངའ་སྡེའི་ནང་གི་མེ་ཌི་སན་གྲོང་ཁྱེར་དུ་༸ཞབས་སོར་བདེར་བར་འཁོད་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཉེར་གནང་བའི་གསར་འགོད་པ་རིག་ལྡན་སྒྲོལ་མ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎