༸གོང་ས་མཆོག་ནས་སྨོན་ལམ།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ནང་རང་སྲོག་བློས་གཏོང་མཁན་ཚོར་སྨོན་ལམ་མཆོད་འབུལ་གནང་བ།

2011.10.19
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ནང་རང་སྲོག་བློས་གཏོང་མཁན་ཚོར་སྨོན་ལམ་མཆོད་འབུལ་གནང་བ།
༸གོང་ས་མཆོག་གི་དྲ་གནས།

༄༅༎ཕྱི་ཟླ་༡༠ཚེས་༡༩རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་ནང་རང་སྲོག་བློས་གཏོང་གནང་མཁན་ཚོར་སྨོན་ལམ་མཆོད་འབུལ་གནང་ཡོད་པ་བཞིན་འཛམ་གླིང་ཁྱོན་དུ་དེ་མཚུངས་སྲུང་བརྩི་ཞུས་ཡོད་འདུག
འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་༡༦ཉིན་ནས་བཟུང་ཨ་མདོ་རྔ་པ་དང་ཁམས་རྟའུ་བཅས་སུ་བོད་མི་སེར་སྐྱ་གྲངས་༩ཡིས་གཅིག་མཇུག་གཉིས་མཐུད་དུ་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་གི་བོད་ནང་གི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་ཅིང་། རྒྱ་ནག་གཞུང་གིས་ཞི་རྒོལ་བྱུང་ཡུལ་དུ་མུ་མཐུད་དམ་བསྒྲགས་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ཐད་བཀའ་སྤྱི་ལྷན་ཚོགས་སྔ་རྗེས་སུ་ཐག་གཅོད་བྱུང་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུའི་ཁོངས་སུ། དེ་རིང་ཕྱི་ཚེས་༡༩གཟའ་ལྷག་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག  དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་དང་། བཀའ་ཟུར་རོང་ཆེན་ཀིརྟི་རིན་པོ་ཆེ་རྣམ་རྒྱལ་གྲ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་ དེ་བཞིན་ ཁྲིམས་ཞིབ་པ་རྣམ་པ་དང་། བཀའ་བློན་རྣམ་པ་སྲི་ཞུ་བའི་ལས་བྱེད་ཡོངས་དང་། དགོན་སྡེ་ཁག་གི་གྲ་བཙུན་སྔགས་གསུམ་  རྡ་སའི་ཚོགས་སྡེ་ཁག  བོད་ཁྱིམ་སྟེང་ཤོད་གཉིས་ཀྱི་སློབ་ཕྲུག་དང་སེར་རྒྱ་མང་ཚོགས་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་༢༣པའི་ཐོག་ཚོགས་བཅར་བ་རྣམས་དང་།ཕྱི་རྒྱལ་བ་ཅས་ཁྱོན་མི་གྲངས་༥༠༠༠ལྷག་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་གཏོ་མཁན་ཚོར་སྨོན་ལམ་མཆོད་འབུལ་རྒྱ་ཆེ་ཞིག་གནང་ཡོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎