༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོཊ་ཀྱི་ཚོགས་འདུ་ཐུགས་སྨོན་དབུ་འབྱེད།


2014.03.05
༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོཊ་ཀྱི་ཚོགས་འདུ་ཐུགས་སྨོན་དབུ་འབྱེད་གནང་བཞིན་པ། ༢༠༡༤།༣།༦ ༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོཊ་ཀྱི་ཚོགས་འདུ་ཐུགས་སྨོན་དབུ་འབྱེད་གནང་བཞིན་པ། ༢༠༡༤།༣།༦
པར། དྲ་བཤུས།

༧གོང་ས་མཆོག་ཨ་མི་རི་ཀའི་གྲོས་ཚོགས་ལ་ཕེབས་ནས་གྲོས་ཚོགས་གོང་མའི་ཚོགས་འདུར་ཐུགས་སྨོན་དབུ་འབྱེད་གནང་འདུག
དེ་ཡང་སྤྱི་ཚེས༦རེས་གཟའ་ཕུར་བའི་ཉིན་༧གོང་ས་མཆོག་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཚོགས་ཁང་ལ་ཕེབས་ནས་། རྒྱུན་ཏན་ཆོས་དཔོན་Bary Black་མཆོག་གི་སྐུ་ཚབ་ཚུལ་དུ་ཚོགས་འདུར་ཐུགས་སྨོན་དབུ་འབྱེད་གནང་ཡོད་པ་དང་། དེ་ནི་བོད་ཀྱི་དབུ་ཁྲིད་ཞིག་དེ་ལྟར་གནང་བ་ཐོག་མ་ཡིན་པ་རེད།  དེ་བཞིན་ད་དུང་ཨ་རིའི་གྲོས་ཚོགས་གོང་འོག་གི་གནད་ཡོད་མི་སྣ་དང་ཡང་མཇལ་འཕྲད་བཀའ་མོལ་གནང་ཡོད་པ་རེད།
ཚེས་༧་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡེ་ཤུའི་ལྷ་ཁང་ཆེན་པོ་ཞིག་གི་ནང་མི་དམངས་ལ་ཆོས་ལས་འདས་པའི་གོ་ལ་སྤྱི་ཡོངས་ཀྱི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་པ་དང་། མཛད་འཆར་དེ་བཞིན་ཡེ་ཤུའི་ལྷ་ཁང་ཆེན་མོ་དང་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ཟུང་སྦྲེལ་ཐོག་ནས་གོ་སྒྲིག་གནང་རྒྱུ་ཡིན་འདུག མཛད་འཆར་ལྟར་ན། ༧གོང་ས་མཆོག་གིས་འཛམ་གླིང་གི་སྐྱེས་འགྲོ་ཐམས་ཅད་བཟང་སྤྱོད་དང་། བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་རྒྱུའི་ཕུགས་བསམ་དང་། ཐབས་ལམ་འཚོལ་རྒྱུའི་ཐད་དགོངས་ཚུལ་སྤེལ་རེས་གནང་རྒྱུ་དང་དུས་མཚུངས་ཐབས་ལམ་དེ་རྒྱུད་འཛམ་གླིང་འདི་བཞིན་བྱམས་བརྩེ་དང་། ཞི་བདེར་གནས་པའི་ངོ་བོར་བསྒྱུར་རྒྱུའི་ལམ་སྟོན་གནང་རྒྱུ་ཡིན་པ་རེད།
ད་དུང་གོང་ས་མཆོག་གིས་ཡེ་ཤུའི་ལྷ་ཁང་ཆེན་མོའི་ཆོས་དཔོན་Gary Hallམཆོག་དང་ལྷན་འཛམ་གླིང་ནང་ཞི་བདེ་འཚོལ་ཐབས་སྐོར་དགོངས་ཚུལ་སྤེལ་རེས་གནང་རྒྱུ་དང་། མཇུག་ཏུ་བཀའ་འདྲི་བཀའ་ལན་གནང་རྒྱུའི་མཛད་འཆར་ཡང་ཡོད་པ་རེད་ལ་སྐབས་དེའི་འཛིན་བྱང་ཡོད་ཚད་སྔ་ས་ནས་བཙོང་ཚར་བར་བརྟེན་གོ་སྒྲིག་བྱེད་མཁན་གྱིས་ཉིན་དེའི་མཛད་རིམ་ཁག་དྲ་ལམ་བརྒྱུད་ནས་དམངས་ཚོགས་ཚོས་ཉན་ཐུབ་པའི་མཐུན་རྐྱེན་བསྐྲུན་ཐབས་བྱེད་བཞིན་པ་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎