ནང་བའི་དབུ་ཁྲིད་དགོངས་པ་རྫོཊ་པར་༧གོང་ས་མཆོག་གིས་ཐུཊ་གསོ།


2014.04.03
གོང་ས་མཆོག་རྒྱ་གར་ཧི་མ་ཅལ་སླིབ་ཆེན་གྱི་མཛད་སྒོའི་དབུ་བཞུགས་སྐབས། ༢༠༡༤།༣།༡༩ གོང་ས་མཆོག་རྒྱ་གར་ཧི་མ་ཅལ་སླིབ་ཆེན་གྱི་མཛད་སྒོའི་དབུ་བཞུགས་སྐབས། ༢༠༡༤།༣།༡༩
པར། སྐུ་སྒེར་དྲ་བ།

བེག་ནམ་ནང་པའི་ཆེས་མཐོའི་དབུ་ཁྲིད་དགོངས་པ་རྫོགས་པར་༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་གནང་འདུག
དེ་ཡང་ད་ལོ་དགུང་གྲངས་༩༧ལ་ཕེབས་པ་བེག་ནམ་རྒྱལ་ཡོངས་ནང་པའི་ལྷན་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་སྐུ་ཞབས་Thich Tri Tinh མཆོག་ཕྱི་ཟླ་གསུམ་པའི་ཚེས་༢༩ཉིན་བེག་ནམ་གྱི་Ho Chi minh གྲོང་ཁྱེར་དུ་དགོངས་པ་རྫོགས་ཡོད་པ་དང་། ཕྱི་ཟླ་༤པའི་ཚེས་༡ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བེག་ནམ་རྒྱལ་ཡོངས་ནང་པའི་ལྷན་ཚོགས་བརྒྱུད་ཐུགས་གསོའི་གསུང་འཕྲིན་ཞིག་སྕལ་ཡོད་པའི་ནང་། ངོས་ཀྱིས་དབུ་བླ་དམ་པ་ཁོང་གི་ཆེད་སྨོན་ལམ་རྒྱག་རྒྱུ་དང་། བེག་ནམ་དང་དེ་བཞིན་ས་ཕྱོགས་གཞན་དུ་གནས་འཁོད་ཁོང་གི་དད་ལྡན་རྗེས་འབྲང་པ་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་བ་དང་འབྲེལ་བེག་ནམ་ནང་པའི་ཆེས་མཐོའི་བླ་ཆེན་དམ་པ་ཁོང་གིས་བེག་ནམ་ཡུལ་དུ་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་རླབས་ཆེན་གྱི་བྱས་རྗེས་འཇོག་གནང་མཛད་པ་དེ་དག་ཐུགས་ལ་དྲན་གསོ་མཛད་དེ་རྗེས་འཇུག་འདུལ་བྱ་རྣམས་ཀྱིས་བྱམས་བརྕེ་དང་། འཚེ་མེད་ཞི་བའི་ལམ་ནས་ལས་དོན་སྤེལ་ཐུབ་ཚེ་དམ་པ་ཁོང་གི་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་མཚོན་ཐུབ་རྒྱུ་ཡིན་པ་སོགས་འཁོད་གནང་མཛད་འདུག བེག་ནམ་ནང་པའི་ཆེས་མཐོའི་དབུ་ཁྲིད་བླ་ཆེན་Thich Tri Tinh དམ་པ་དེ་ཉིད་ཕྱི་ལོ་༡༩༡༧ལོར་བེག་ནམ་གྱི་མེ་ཀོང་Delta ཞིང་ཆེན་གྱི་Dong thap ཟེར་བའི་ས་གནས་ནང་སྐུ་འཁྲུངས་ཡོད་པ་དང་། ཁོང་གིས་བེག་ནམ་རྒྱལ་ཡོངས་ནང་པའི་ལྷན་ཚོགས་ཀྱི་དབུ་འཛིན་གྱི་ཐུགས་འགན་བཞེས་ནས་བེག་ནམ་ཡུལ་དུ་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བཞག་ཐོག་མཛད་རྗེས་རླབས་ཆེན་བཞག་ཡོད་ཅིང་། དེར་གཟེངས་བསྟོད་ཆེད་བེག་ནམ་གཞུང་དང་། ཚོགས་པས་དམ་པ་ཁོང་ལ་མཆོག་ཏུ་གྱུར་བའི་མི་སྣའི་མཚན་སྙན་ཡང་ཕུལ་ཡོད་པ་རེད། སྐུ་ཞབས་Thich Tri Tinhདམ་པ་དེ་ཉིད་དགོངས་པ་རྫོགས་པར་བེག་ནམ་དམར་ཤོག་ཚོགས་པའི་དམག་དཔོན་དང་། སྲིད་བློན་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་མྱ་ངན་གྱི་ཐུགས་གསོའི་མེ་ཏོག་ཡང་ཕུལ་ཡོད་འདུག
གསར་འགོད་པ་འཆི་མེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎