སྤྱོད་འཇུག་ཆེན་མོའི་གསུང་ཆོས།
2013.09.03

འཇིགས་མེད་སྙན་གྲགས།
༄༅༎ལྷོ་ཤར་ཨེ་ཤེ་ཡའི་ཁུལ་གྱི་དད་ལྡན་མི་དམངས་ནས་ལོ་ལྟར་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་སྕལ་གནང་ཡོང་བའི་གསོལ་འདེབས་ཞུ་དོན་ལྟར་༸གོང་མཆོག་གིས་འདི་ལོའི་བཅོས་མཇུག་ཆེན་མོའི་བཀའ་ཆོས་དེ་རིང་ཕྱི་ཟླ་༩ཚེས་༣ རེས་གཟའ་མིག་དམར་ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་བཙུགས་མཛད་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎