༧གོང་ས་མཆོག་གི་འཛམ་གླིང་ཞི་བདེ་དང་བཟང་སྤྱོད་གོང་འཕེལ་གྱི་དགོངས་གཞི་ཐད་དྲ་ཐོག་བགྲོ་གླེང་གནང་བཞིན་པ།


2020.10.22
 ༧གོང་ས་མཆོག་གི་འཛམ་གླིང་ཞི་བདེ་དང་བཟང་སྤྱོད་གོང་འཕེལ་གྱི་དགོངས་གཞི་ཐད་དྲ་ཐོག་བགྲོ་གླེང་གནང་བཞིན་པ། ༧གོང་ས་མཆོག་གི་འཛམ་གླིང་ཞི་བདེ་དང་བཟང་སྤྱོད་གོང་འཕེལ་གྱི་དགོངས་གཞི་འཛམ་གླིང་ནང་ངོ་སྤྲོད་ཞུ་སླད་མཁས་པ་གདན་ཞུས་ཀྱིས་དྲ་ཐོག་བགྲོ་གླེང་གནང་བ།
བགྲོ་གླེང་གོ་སྒྲིག་ཚོགས་པ།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཟང་སྤྱོད་གོང་འཕེལ་གྱིས་མཚོན་འཛམ་གླིང་ནང་ཞི་བདེ་སྐྲུན་པའི་དགོངས་གཞི་ཁག་དྲ་ཐོག་ཏུ་རྒྱ་ཁྱབ་ཆེན་པོའི་ཐོག་ནས་ངོ་སྤྲོད་ཞུ་སླད་གཟའ་འཁོར་གཅིག་གི་རིང་མཁས་པ་དང་འབྲེལ་ཡོད་མི་སྣ་ ༢༥ གདན་ཞུས་ཀྱིས་བགྲོ་གླེང་ཚོགས་འདུ་ཆེན་མོ་ཞིག་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་དབུ་འཛུགས་གནང་ཡོད་པ་དང་།  ལས་རིམ་གོ་སྒྲིག་གནང་མཁན་བོད་ཁང་གི་འགན་འཛིན་སློབ་དཔོན་སྦོབ་ཐར་མཎ་ལགས་ཀྱིས།   ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེའི་དགོངས་གཞི་དང་།  བྱམས་བརྩེའི་བསླབ་བྱ་རྣམས་ད་ལྟའི་ཆར་འཛམ་གླིང་ལ་ཆེས་དགོས་མཁོ་ཆེན་པོར་གྱུར་ཡོད་པ་འགྲེལ་བརྗོད་གནང་བའི་སྐོར།
བཀྲིས་དབང་ཕྱུག་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎