ཆོས་དད་ཆེ་ཡང་ལྐོག་ཟའི་དཀའ་ངལ་ཡོད་པ་གསུངས་འདུག


2014.02.04
༧གོང་ས་མཆོག་གིས་Martin Lutherཡེ་ཤུའི་གཙུག་ལག་སློབ་གྲྭར་གསུངས་བཤད་གནང་བཞིན་པ། ༧གོང་ས་མཆོག་གིས་རྒྱ་གར་ནི་ཆོས་དད་ཅན་ཡིན་ཡང་ལྐོག་ཟ་རུང་སུངས་ཀྱི་དཀའ་ངལ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་གསུངས་འདུག
པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་རྒྱ་གར་ནི་ཆོས་དད་ཅན་ཡིན་ཡང་ལྐོག་ཟ་རུང་སུངས་ཀྱི་དཀའ་ངལ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་གསུངས་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་གཉིས་པའི་ཚེས་༡ ནས་རྒྱ་གར་བྱང་ཤར་Asam རྒྱལ་ས་བྷོ་ཧ་ཊི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཕྱི་ཚེས་༣ ཉིན་རྒྱ་གར་གྱི་བྱང་ཤར་Meghalaya་གྲོང་ཁྱེར་Shilong ནང་དུ་ཡོད་པའི་Martin Luther ཡེ་ཤུའི་གཙུག་ལག་སློབ་གྲྭའི་བསླབ་པ་ཐོན་སོན་པའི་ཕྱག་འཁྱེར་བསྩལ་བའི་མཛད་སྒོར་ཞབས་སོར་འཁོད་གནང་མཛད་དེ། བཀའ་སློབ་ཕེབས་དོན་ལ། རྒྱ་གར་ནི་ཆོས་དད་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ནའང་ལྐོག་ཟ་རུལ་སུངས་བྱེད་མཁན་་ཆེས་མང་བའི་རྒྱལ་ཁབ་ཅིག་ཀྱང་ཡིན་པ་མ་ཟད། ལྐོག་ཟ་རུལ་སུངས་བྱེད་མཁན་ཡང་ཤེས་ཡོན་ཅན་དེ་ཚོ་ཡིན་ཞིང། དེར་བརྟེན་ཆོས་ལུགས་ནི་མགོ་སྐོར་སླུ་བྲིད་བྱེད་མཁན་ཚོ་བཅོས་ཐབས་ལ་ཕན་པས་ད་ལྟའི་འཛམ་གླིང་དེའི་ནང་ལ་ཆོས་ལུགས་ཕན་ཚུན་འཆམ་མཐུན་དང་འཚེ་བ་མེད་པའི་ཐབས་ལམ་དེ་ནི་དུས་དང་འཚམ་པའི་འབབ་འོས་ཤིག་ཡིན་ཞིང། དེང་དུས་ཀྱི་ཤེས་ཡོན་ནི་གལ་ཆེན་པོ་ཡིན་ནའང་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་བཟང་སྤྱོད་མེད་ན་འགྲོ་བ་མིའི་ཡོན་ཏན་ཉམ་ཉེས་དང་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཁྱབ་འཕེལ་འགྲོ་བའི་རྒྱུར་འགྱུར་རྒྱུ་ཡིན། ད་ལྟའི་རྒྱ་གར་ནི་རིག་གཞུང་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བ། མི་རིགས་མི་འདྲ་བ་མཉམ་གནས་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་ལ་མི་དམངས་ཀྱང་འཚེ་བ་མེད་པར་མི་རིགས་ཚང་མ་འཆམ་མཐུན་གནས་པ་དེ་ནི། འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་མིག་དཔེ་ལྟ་ཡུལ་ཞིག་ཡིན་ཞིང། རྒྱ་ནག་ཕྱོགས་ནས་ཀྱང་མིག་དཔེ་ལྟ་དགོས་པ་བརྗོད་ཀྱི་ཡོད། བོད་དེ་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད་ལུགས་རྒྱ་ནག་གཞུང་གི་དཔོན་རིཌ་ལྟ་བ་མཁྲེགས་ཅན་ཁག་ཅིག་གིས་་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་དོན་དངོས་ནི། བོད་དེ་རྒྱ་ནག་དང་མཉམ་གནས་བྱ་རྒྱུའི་འབད་བརྩོན་བྱེད་པ་དེ་ཡིན། རྒྱ་ནག་གི་ཕྱོགས་ནས་བོད་ཀྱི་སྐད་ཡིག་དང། རིག་གཞུང། བོད་ཀྱི་སྣོད་བཅུད་སོགས་ལ་ངེས་པར་དུ་བརྩི་བཀུར་ཞུ་དགོས་ཀྱི་རེད་ཅེས་བཀའ་སྩལ་གནང་ཡོད་པ་རེད།


གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎