དགུང་གྲངས་གྱ་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པ།


2020.07.08
དགུང་གྲངས་གྱ་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པ། འཛམ་གླིང་གི་ཡུལ་གྲུ་མང་པོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་གྱ་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པའི་གནས་ཚུལ།
དགའ་ལྡན་ཕོ་བྲང་།

༄༅།།དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་བོད་ནང་དང་བཞུགས་སྒར་རྡ་རམ་ས་ལ་གཙོས་བོད་མིའི་འདུས་བསྡོད་འཛམ་གླིང་གི་ཡུལ་གྲུ་མང་པོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་གྱ་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ས་གནས་སོ་སོའི་གནས་བབས་དང་བསྟུན་པའི་སྲུང་བརྩི་ཞུས་ཡོད་པའི་སྐོར་དང་དེ་བཞིན་རྒྱ་གར་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོས་ཨ་མི་རི་ཀའི་གཞུང་དམངས་གཉིས་ཀྱི་ཚབ་བྱས་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་།ཐེ་ཝན་གཞུང་གིས་༧གོང་ས་མཆོག་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཡོད་ཟེར་བ་སོགས་ཆབ་སྲིད་དང་འབྲེལ་བའི་གལ་ཆེ་གནད་དོན་ཁག་གཅིག་གི་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་འགྲུབ་ཚེ་རིང་ལགས་ཀྱིདགོངས་ཚུལ་དང་ཨ་རིའི་གྲོང་འཁྱེར་ནིའུ་ཡོ་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་དང་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་ལགས་དང་།ཨོན་ཊེ་རི་ཡོOntario་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་དབང་རྒྱལ་ལགས་རྣམས་པ་ལྷན་རྒྱས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་བྱེད་པ་ཉན་རོགས་ཞུ།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎