0:00 / 0:00
༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་འདི་ནི། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུངས་གྲངས་༧༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་འདི་ཡིན་པར་བརྟེན། བོད་མིའི་དབུས་སྒྲིག་འཛུགས་ཀྱི་ངོས་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་ས་ཐོག་ནས་ཞིབ་ཕྲའི་གནས་ཚུལ་བཏང་འབྱོར་བྱུང་བ་ཞིག་ལ་གསན་རོགས་ཞུ༎