འཛམ་གླིང་ཞི་བདེ་འཆམ་མཐུན་ཕྱོགས་སུ་སྣེ་འཁྲིད་བྱ་རྒྱུའི་འགན་འཁུར་གཞོན་ནུ་ཚོར་ཡོད།
2014.12.13

༄༅། །ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཐེངས་༡༤པ་དེ་བཞིན། ཟླ་འདིའི་ཕྱི་ཚེས་༡༢ཉིན་ཨི་ཊི་ལིའི་རྒྱལ་ས་རོམ་དུ་དབུ་བཙུགས་མཛད་གནང་ཡོད་པ་དང༌། ལྷན་ཚོགས་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས། ལྷན་ཚོགས་སུ་ཕེབས་པའི་གཞོན་ནུ་ཕོ་མོ་ཡོངས་ལ། ཁྱེད་རྣམས་ནི་དུས་རབས་ཉེར་གཅིག་གི་མི་རེད་འདས་ཟིན་པའི་དུས་རབས་ནང་ནོར་འཁྲུལ་བྱུང་བ་དེ་དག་དྲན་པ་ཙམ་མ་ཡིན་པར། འདས་པའི་མཉམ་མྱོང་གཞིར་བཞག་སྟེ་མ་འོངས་འཛམ་གླིང་ཞི་བདེ་འཆམ་མཐུན་ཕྱོགས་སུ་སྣེ་འཁྲིད་བྱ་རྒྱུའི་འགན་འཁུར་གཞོན་ནུ་ཚོར་ཡོད་ཅེས་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཨི་ཊི་ལིའི་རྒྱལ་ས་རོམ་ནས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རོམ་ནང་གི་མཛད་འཕྲིན་སྐོར། ཞིབ་ཕྲ་གཤམ་ལ་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ་གསན་རོགས་ཞུ༎གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།