གླུ་པ་མཆོག་གསལ་འཛིན་བཟུང༌།

རྒྱ་ནག་གཞུང་གིས་ཁམས་ནགས་ཤོད་འབྲི་རུའི་གླུ་པ་མཆོག་གསལ་ལགས་འཛིན་བཟུང་བྱས་པ།

2012.08.13
རྒྱ་ནག་གཞུང་གིས་ཁམས་ནགས་ཤོད་འབྲི་རུའི་གླུ་པ་མཆོག་གསལ་ལགས་འཛིན་བཟུང་བྱས་པ།
གླུ་པ་མཆོག་གསལ།

༄༅༎ཕྱི་ཟླ་ ༧ པའི་ཚེས་ ༢༩ ཉིན་ཁམས་འབྲི་རུ་རྫོང་གི་གླུ་པ་གྲགས་ཅན་མཆོག་གསལ་ལགས་རྒྱ་ནག་གི་ཉེན་རྟོགས་མི་སྣས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པའི་སྐོར་ཁོང་གི་སྐུ་མེད་མཚན་འབོད་གནང་འདོད་མེད་པ་ཞིག་གིས་རིག་ལྡན་སྒྲོལ་མ་ལགས་སུ་འགྲེལ་བརྗོད་གནང་བར་གསན་རོགས༎
ཁོང་འཛིན་བཟུང་བྱེད་དགོས་པའི་གནད་དོན་གཙོ་བོ་ནི། ལོ་ཤས་སྔོན་ནས་ཁོང་གིས་གླུ་གཞས་འོད་སྡེར་བཞི་ཙམ་འགྲེམས་སྤེལ་བྱས་ཡོད་པའི་འོད་སྡེར་དང་པོ། (གདོང་དམར་བོད་པའི་རྨི་ལམ) གཉིས་པ། (སྤུན་ཟླའི་འོས་འགན)། གསུམ་པ་(སྤུན་ཟླའི་བརྩེ་སེམས)བཞི་པ་(གངས་ཕྲུག་)ཅེས་པའི་འོད་སྡེར་བཞི་བཏོན་ཡོད་ཅིང་། ད་ལྟའང་བོད་ཀྱི་གཞས་པ་གྲགས་ཅན་འགའ་དང་མཉམ་རུབ་ཀྱིས་ཁ་བའི་རྣམ་ཤེས་ཞེས་པའི་འོད་སྡེར་ཞིག་ཀྱང་མཉམ་འདོན་བྱ་རྒྱུའི་གྲྭ་སྒྲིག་བྱེད་བཞིན་པའི་སྐབས་ཡིན་འདུག
འོད་སྡེར་དང་པོའི་ནང་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་བསྟོད་ཚིག་དང་མི་རིགས་ལར་ཞེན་མཚོན་ཆེད་ཀྱི་གཞས་ཚིག་མང་པོ་ཐོན་སྟབས། འོད་སྡེར་འདོན་ཐེངས་གཉིས་པ་དང་གསུམ་པ་སོགས་ནི་ལྷ་ས་དང་ནགས་ཤོད་འབྲི་རུ་རྫོང་སོགས་སུ་ཚོང་སྒྱུར་མི་ཆོག་པའི་དམ་བསྒྲགས་ཤུགས་ཆེར་བྱས་ཏེ། ལྷ་ས་ཚོང་ཁང་ཞིག་ནས་འདོན་ཐེངས་གསུམ་པ་འོད་སྡེར་གྲངས་མང་ཞིག་ཀྱང་རྒྱ་གཞུང་གི་ཉེན་རྟོག་པས་ཚོང་སྒྱུར་མི་ཆོག་པའི་སྡིགས་ར་སྐུལ་ཞོར་བཙན་འཕྲོག་བྱས་ཡོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎