མ་འོངས་མདུན་ལམ་དང་འབྲེལ་བའི་ཟབ་སྦྱོང༌།
2013.05.30
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱེད་པའི་མདུན་བཟང་ལམ་སྟོན་ལས་རིམ་ཚོགས་པས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འདི་ལོ་འཛིན་རིམ་བཅུ་གཉིས་ཐོན་པའི་བོད་རིགས་སློབ་ཕྲུག་ཁག་གཅིག་ལ་མ་འོངས་མདུན་ལམ་དང་འབྲེལ་བའི་སྐོར་ལམ་སྟོན་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ལྡི་ལི་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎