བོད་ནང་དམར་གསོད་དང་དྲག་གནོན་ཤུགས་ཆེ་རུ་འགྲོ་ཉེན།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རྒྱ་གཞུང་གི་གཙན་དྲག་གནོན་ཤུགས་ཆེ་རུ་འགྲོ་ཉེན་ཡོད་པའི་སྔོན་དཔག་གནང་།

2012.02.09

༄༅༎ཐེངས་འདིའི་ཨ་མེ་རི་ཀའི་བལྟ་ཞིབ་ཀྱི་ལེ་ཚན་ནང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རང་རིགས་ཚོས་སྐུ་ལུས་ཞུགས་འབུལ་གྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་འཐབ་རྩོད་མུ་མཐུད་གནང་བཞིན་པ་དེར་དྲག་གནོན་གྱི་ཉེན་ཁ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་སྔོན་དཔག་གིས་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་གནང་ཡོད་པ་སོགས་ཀྱི་སྐོར་འདི་གའི་བློ་བསྡུར་ཞུ་ཡུལ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎