བུ་མོ་ལོ་ཆུང་གཉིས་ནས་ངོ་རྒོལ།
2011.06.27

སེར་བྱེས་ཏྲེ་གྲྭ་དཀར་མཛེས་པདྨ་ཚེ་དབང་།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ཁམས་དཀར་མཛེས་སུ་དམ་བསྒྲགས་ཤུགས་ཆེ་བྱེད་མིན་ལ་མ་ལྟོས་པར། བོད་མི་ཚོས་ངོ་རྒོལ་སྐད་འབོད་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ཟླ་འདིའི་ཕྱི་ཚེས་ཉེར་དྲུག་གི་ཉིན། བུ་མོ་ལོ་ཆུང་གཉིས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་ཉེན་རྟོག་པས་བུ་མོ་དེ་དག་གཉིས་ལ་ཉེས་རྡུང་ཚད་མེད་བཏང་སྟེ་འཛིན་བཟུང་བྱས་ཡོད་པའི་སྐོར། གནས་ཚུལ་རྒྱུས་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎