0:00 / 0:00
༄༅༎ཕྱི་ལོ་ ༢༠༡༡ ཟླ་ ༡༠ པའི་ ཚེས་ ༡༨ ཉིན། རྒྱ་ནག་གཞུང་གིས་གློ་བུར་དུ་བོད་ཀྱི་རྒྱལ་ས་ལྷ་སར་དམག་མི་འབོར་ཆེན་བཀྲམ་པ་མ་ཟད་དགེ་འདུན་པ་དང་བཙུན་མ་རྣམས་ཉིན་ཁག་ཤས་རིང་ཕྱིར་ཐོན་མི་ཆོག་པའི་བཀའ་བཙན་བཀའ་བཏང་ཡོད་པའི་སྐོར། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྐོར་དུ་ཡོང་མཁན་བོད་མི་ཞིག་གིས། འདི་གའི་གསར་འགོད་པ་རྡོ་རྗེ་དགྲ་འདུལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎