ངོ་རྒོལ་གྱི་སྦྱར་ཡིག་བཀྲམ་པ།
2012.10.11
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀུན་བཟང་བསྟན་འཛིན།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཉེ་ཆར་ཨ་མདོ་མཚོ་སྔོན་གཅན་ཚར་མདའ་རྩེད་དུས་སྟོན་ཞེས་པ་ཚུགས་སྐབས་ས་གནས་རྒྱ་ནག་གཞུང་གིས་བོད་མི་ཚོར་གཅན་གཟན་གྱི་པགས་པའི་གོས་གྱོན་པ་དང༌། གཡུ་དང་བྱུ་རུ་སོགས་ཀྱི་རྒྱན་ཆ་གྱོན་ཏེ་དུས་སྟོན་དེའི་ཐོག་མཉམ་ཞུགས་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་ཅིང༌། གལ་ཏེ་བཀའ་རྒྱར་དྭངས་ལེན་མ་བྱས་ཚེ་ས་ཁུལ་དུ་རོགས་རམ་བཀའ་འགོག་བྱ་རྒྱུ་སོགས་ཀྱི་ཉེན་བརྡ་སྣ་ཚོགས་ཤིག་བཏང་བར་བརྟེན་ནས། བོད་མི་གང་མཚམས་ཤིག་གིས་དེ་ལྟར་གཟབ་མཆོར་སྤྲས་ཏེ་སླེབས་པར་ས་གནས་བོད་མི་ཁག་གཅིག་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཏེ་ངོ་རྒོལ་གྱི་སྦར་ཡིག་སྣ་ཚོགས་ཤིག་སྦྱར་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎