རྒྱ་གཞུང་གི་དྲང་བདེན་མ་ཡིན་པའི་ཁྲིམས་ཐག་ལ་སྐྱོན་བརྗོད།
2009.04.17
![]() |
གསར་འགྱུར་གསན་རོགས་གནང་། |
༄༅༎ཉེ་ཆར་རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པའི་ཐོག་ནས་བོད་མི་བློ་བཟང་རྒྱལ་མཚན་དང་བློ་ཡར་གཉིས་ལ་སྲོག་ཐོག་གི་ཁྲིམས་བཅད་དང་བསྟན་འཛིན་ཕུན་ཚོགས་དང་རྐང་སུག་གཉིས་ལ་དུས་འགྱངས་སྲོག་ཐོག་དེ་བཞིན་བོད་མི་ཟླ་བ་བཟང་པོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དེར་བཙན་བྱོལ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཟླ་འདིའི་ཚེས་བཅོ་ལྔའི་ཉིན་སྐྱོན་བརྗོད་བྱས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བློ་བིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎