བཙོན་འཇུག་ཁྲིམས་ཐག་བཅད་པ།
2010.02.01

གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།
༄༅༎ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་སོག་ཕྲུག་བཀྲིས་དོན་གྲུབ་ལགས་ཀྱིས་ངས་བླ་མ་དྲན་པའི་སྡུག་བསྔལ་འདི།ངས་གངས་ཅན་ཡུལ་དུ་སྒྲོག་རྒྱུ་ཡིན།གསད་གཏང་རུང་འགྱོད་པ་ང་མེད་ཅེས་སིཌི་གསར་པ་ཞིག་བཏོན་པར་བརྟེན།ས་གནས་རྒྱ་ནག་འབྲེལ་ཡོད་ཚན་པས་རྩད་གཅོད་བྱས་ནས་འཛིན་བཟུང་བྱས་ཡོད་པ་མ་ཟད།ད་ལྟའི་ཆར་ཁོང་ལ་ལོ་གཅིག་དང་ཟླ་བ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྐོར།འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎