མཛོད་དགེ་རྫོང་དུ་སྡེ་དཔོན་གཉིས་འཛིན་བཟུང༌།
2010.07.09
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཉེ་ཆར་ཕྱི་ཟླ་དྲུག་པའི་ཚེས་༢༧་ཉིན། རྒྱ་ནག་གཞུང་གིས་བོད་ཨ་མདོ་རྔ་བ་མཛོད་དགེ་་རྫོང་ཁོངས་ཀྱི་གྲོང་སྡེ་ཁག་ནས་་འཛིན་བཟུང་བྱས་པའི་འགོ་ཁྲིད་བོད་མི་བདུན་པོ་དེ་དག་གློད་བཀྲོལ་བཏང་ཡོད་ཀྱང༌། ཕྱི་ཟླ་བདུན་པའི་ཚེས་ལྔའི་ཉིན་མི་མང་གི་ཡིད་ཆས་བྱེད་སའི་སྡེ་དཔོན་གཉིས་མཛོད་དགེ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་མཛོད་དགེ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་པའི་སྐོར། མིང་འདོན་གནང་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་ཇོ་ལེབ་ཆོས་འཕེལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་གནོངས༎