མཚོ་ལྷོ་ཆབ་ཆ་ཁུལ་ངོ་རྒོལ།

བོད་མདོ་སྨད་མཚོ་ལྷོ་ཆབ་ཆ་དང་རྩི་གོར་ཐང་ཁུལ་སློབ་མས་རྒྱ་གཞུང་གི་སློབ་གསོའི་སྲིད་ཇུས་ལ་ངོ་རྒོལ་བྱས།

2010.10.20
བོད་མདོ་སྨད་མཚོ་ལྷོ་རྩི་གོར་ཐང་ཁུལ་སློབ་མས་རྒྱ་གཞུང་གི་སློབ་གསོའི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་པ།
བོད་ནས་འབྱོར་བ།

༄༅༎ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་རེས་གཟའ་ལྷག་པའི་ཉིན་བོད་མདོ་སྨད་མཚོ་ལྷོ་ཆབ་ཆ་ཁུལ་དུ་བོད་པའི་སློབ་ཕྲུག་སྟོང་ཕྲག་འགའ་ཤས་ཀྱིས་བསྐྱར་དུ་རྒྱ་ནག་གཞུང་གི་བོད་པའི་སློབ་གྲྭ་ཁག་གི་བོད་སྐད་སློབ་དེབ་ཕྱིར་བསྡུར་བྱས་ནས་རྒྱ་སྐད་སློབ་དེབ་བེད་སྤྱོད་ཀྱི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་འདོན་པའི་ཆེད་དུ་ས་གནས་སྲིད་གཞུང་མདུན་ངོ་རྒོལ་བྱས་ཡོད་པའི་སྐོར་ཁུལ་དེའི་ནང་འབྲེལ་བ་ཡོད་མི་མཁན་མི་སྣ་ཞིག་ལ་རིག་ལྡན་སྒྲོལ་མ་ལགས་ཀྱིས་གནས་འདྲི་ཞུས་པར་གསན་རོགས༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎