བལ་ཡུལ་གྱི་སྲིད་བློན་གསར་པས་དམ་འབུལ།

བལ་ཡུལ་ནང་མཀིསི་ལེནིསི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀེ་་པི་་ཤར་མ་་ཨོ་ལི་་K.P.Sharma Oliཡིས་བལ་ཡུལ་གྱི་སྲིད་བློན་གསར་པའི་འགན་འཁུར་བཞེས་པ།

ཟླ་བ་འདིའི་ཚེས་༡༥ཉིན་བལ་ཡུལ་གྱི་སྲིད་འཛིན་ཕོ་བྲང་དུ་ཀེ་་པི་་ཤར་མ་་ཨོ་ལི་་༼གཡས༽K.P.Sharma Oli་ཡིས་བལ་པོའི་སྲིད་འཛིན་ལྕམ་སྐུ་བྷིད་ཡ་་དེ་ཝི་་བྷན་དྷ་རི་༼གཡོན༽Bidhya Devi Bhandari ལགས་ཀྱི་དྲུང་ནས་སྲིད་བློན་གྱི་མཛད་འཁུར་དམ་འབུལ་ཞུ་བཞིན་པ། ཨེ་པི་གསར་ཁང་།

ལྷོ་ཨེ་ཤེ་ཡའི་ལེ་ཚན་ནང་།    བལ་ཡུལ་ནང་མཀིསི་ལེནིསི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀེ་་པི་་ཤར་མ་་ཨོ་ལི་་K.P.Sharma Oliཡིས་བལ་ཡུལ་གྱི་སྲིད་བློན་གསར་པའི་འགན་འཁུར་བཞེས་ཡོད་པ་དང༌།    བལ་ཡུལ་གྱི་དམར་ཤོག་སྲིད་དོན་ཚོགས་པ་གཉིས་གཅིག་ཏུ་ཟླ་སྒྲིལ་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་པ་བཅས་ཀྱི་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་དེ་གསན་རོགས་གནང་།


གསར་འགོད་པ་བློ་བཟང་ཡེ་ཤེས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org