བོད་ནང་སློབ་གྲྭ་ཁག་ནང་དུ་རྒྱ་ཡིག་གཙོ་བོར་སློབ་འཁྲིད་ཀྱི་སྲིད་ཇུས།

དེ་མ་ཟད་རྒྱ་རིགས་དང་བོད་རིགས་བར་གཉེན་སྒྲིག་གི་ཐོག་ལ་རྒྱ་གཞུང་གིས་སྐུལ་མ་གཏོང་བཞིན་པ།

རྫ་དབོན་པོ་སྡེ་དགོན་གཉིས། ༼ཟླ་ཚེས་མི་གསལ མཐུན་འགྱུར་པར་རིས།

ཉིན་ཤས་སྔོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པའི་ཉེས་མིང་འོག་རྫ་སྨད་དབོན་པོ་སྡེ་དགོན་གཉིས་ནས་སེར་སྐྱ་མི་གྲངས་ ༦༠ ཡས་མས་ཤིག་སེར་ཤུལ་རྫོང་དུ་བཙན་འཁྲིད་བྱས་ཡོད་པའི་གནད་དོན་དང་། དེ་བཞིན་བོད་ནང་སློབ་གྲྭ་ཁག་ནང་དུ་རྒྱ་ཡིག་གཙོ་བོར་སློབ་འཁྲིད་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་མ་ཟད་རྒྱ་རིགས་དང་བོད་རིགས་བར་གཉེན་སྒྲིག་གི་ཐོག་ལ་རྒྱ་གཞུང་གིས་སྐུལ་མ་གཏོང་བ།ལྷག་པར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཉེ་ལམ་རྒྱལ་ས་པེ་ཅིང་དུ་ཚོགས་པའི་མི་རིགས་ལས་དོན་ཚོགས་འདུ་ཐེངས་༥པའི་ཐོག་མི་རིགས་ལས་དོན་གྱི་སྲོག་རྩ་ནི་ཀྲུང་ཧྭ་མི་རིགས་གོང་བུ་གཅིག་འདུས་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས་ལུགས་བརྗོད་པ་སོགས་ལ་དཔྱད་ན་མདོར་དོན་རྒྱ་ནག་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུ་ཕུག་རྒྱང་རིང་པོའི་སྲིད་ཇུས་ལག་བསྟར་བྱེད་འགོ་འཛུགས་པ་ཤིག་ཡིན་མིན་གྱི་སྐོར་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་སྐབས་བཞི་པའི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་དང་ལ་དྭགས་ས་གནས་གཞོན་ནུའི་ཚོགས་གཙོ་ཀུན་བཟང་བདེ་ཆེན་ལགས་ཁོང་རྣམ་པ་གཉིས་དང་ལྷན་དུ། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་འབྲེལ་ཡོད་གནས་ཚུལ་ཐད་བཅར་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org