ཚེ་བཙོན་གྱི་ཉེས་ཆད་ཕོག་པའི་བོད་རིགས་ཚོང་པ་རྡོ་རྗེ་བཀྲིས།

རྒྱ་ནག་གཞུང་གི་བཙོན་ཁང་ནང་བཙོན་འཇུག་བྱེད་བཞིན་པའི་ཚེ་བཙོན་གྱི་ཉེས་ཆད་ཕོག་པའི་བོད་རིགས་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྐོར།

རྡོ་རྗེ་བཀྲ་ཤིས་ལགས་འཛིན་བཟུང་མ་བྱས་གོང་གི་པར། tibetcul.com

ཁ་བའི་གྲོས་རྭའི་ལེ་ཚན་ནང་། རྒྱ་ནག་གཞུང་གི་བཙོན་ཁང་ནང་བཙོན་འཇུག་བྱེད་བཞིན་པའི་ཚེ་བཙོན་གྱི་ཉེས་ཆད་ཕོག་པའི་བོད་རིགས་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་སུ་རེད། ཁོང་ལ་ཉེས་ཆད་བཅད་དོན་གང་ཡིན། དེ་བཞིན་ནང་མི་ནས་ཁོང་གི་སྐོར་ལ་ཞུ་གཏུག་བྱེད་བཞིན་པའི་གནད་དོན་བཅས་ཀྱི་ཐད་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་གཉིས་དང་ལྷན་དུ་ང་ཚོའི་གསར་འགོད་པ་ཆོས་སྐྱིད་ལགས་ཀྱིས་གླེང་མོལ་ཞུས་པ་གསན་རོགས་གནང་།

གསར་འགོད་པ། ཆོས་སྐྱིད།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org