བོད་མི་མང་ཚོགས་ཁྲོད་དུ་དམར་ཤོག་ཚོགས་པ་ལ་དགའ་ཞེན་གྱི་སློབ་གསོ།
དམར་ཤོག་གི་བྱུང་རབས་ལ་སློབ་སྦྱོང་བྱེད་དགོས་པའི་སློབ་གསོའི་ལས་འགུལ་ཇེ་ཆེར་གཏོང་བཞིན་ཡོད་པ།
- 2021-06-12
-
-
-
དམར་ཤོག་གི་བྱུང་རབས་ལ་སློབ་སྦྱོང་བྱེད་དགོས་པའི་སློབ་གསོའི་ལས་འགུལ་ཇེ་ཆེར་གཏོང་བཞིན་ཡོད་པ།
ཀུན་དགའ་བཀྲ་ཤིས་དང་འཇམ་དཔལ་སྨོན་ལམ།
Your browser doesn’t support HTML5 audio
༄༅།།རྒྱ་ནག་གཞུང་གིས་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ནང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་ལས་འགུལ་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལྷག་པར་བོད་མི་ཞིང་འབྲོག་མང་ཚོགས་ཁྲོད་དུ་དམར་ཤོག་ཚོགས་པ་ལ་དགའ་ཞེན་དང་། དམར་ཤོག་གི་བྱུང་རབས་ལ་སློབ་སྦྱོང་བྱེད་དགོས་པའི་སློབ་གསོའི་ལས་འགུལ་ཇེ་ཆེར་གཏོང་བཞིན་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ནང་གི་ད་ལྟའི་འཕེལ་རིམ་གྱི་གནས་སྟངས་འདིའི་ཐད་བོད་གནས་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་དང་བོད་གནས་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་གཉིས་དང་ལྷན་འདི་གའི་ལས་བྱེད་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག