སྟག་འཚེ་རིན་པོ་ཆེ་ལ་བཀའ་དྲི་རྗེས་དྲན།
2008.09.08
༄༅༎ཐེངས་འདིའི་རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་དུ་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་དགུང་གྲངས་ ༨༦ ལ་ཕེབས་སྐབས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་དང་སྟབས་བསྟུན་གྱིས་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོའི་རིང་བོད་རང་བཙན་སླར་གསོའི་མཛད་འཁུར་ལྷུར་བཞེས་གནང་ཡོད་པ་སོགས་ཀྱི་སྐོར་འདི་གའི་བློ་བསྡུར་ཞུ་ཡུལ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་དང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་བགྲོ་གླེང་གནང་བར་གསན་རོགས་གནང༌༎