བརྙན་ཐུང་བཟོ་སྒྲིག་དང་དེང་དུས་ཀྱི་གཞས་སྣ།
2019.09.19
མི་རབས་གསར་པའི་ལེ་ཚན་ནང་། རྒྱ་གར་རྡོ་རྗེ་གླིང་བཅའ་བཞུགས་གནང་མཁན་རོལ་དབྱངས་བཀོད་སྒྲིག་དང་ཡུ་ཊུབ་Youtube བརྙན་ཐུང་བཟོ་མཁན་གུ་རུ་ལགས་དང་། གྲོང་ཁྱེར་ནིའུ་ཡོག་ཏུ་བཅའ་བཞུགས་གནང་མཁན་གཞས་པ་ངག་དབང་མཁྱེན་བརྩེ་ལགས་གཉིས་སུ་བརྙན་ཐུང་བཟོ་སྒྲིག་དང་དེང་དུས་ཀྱི་གཞས་སྣའི་སྐོར་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཞུས་པ་གསན་རོགས་གནང་༎